• སྐད་འཕྲིན་ཀྱི་བདེ་འཇགས།
    • ཞལ་པར་ཨང་གྲངས་མཉམ་སྤྱོད་བྱེད་མི་ཉན།
    • ཁྱེད་རང་སྒེར་གྱི་ཞལ་པར་ཨང་གྲངས་སྐད་འཕྲིན་ནང་དུ་མི་གཞན་ལ་གཏོང་མི་ཉན།
    • ཁྱེད་རང་སྒེར་གྱི་ཞལ་པར་ཨང་གྲངས་དེ་རང་གི་སྐད་འཕྲིན་གྱི་འཛད་སྤྱོད་པའི་མིང་ཐོག་ལ་བཞག་མི་ཉན།
    • ཁྱེད་རང་སྒེར་གྱི་ཞལ་པར་ཨང་གྲངས་དེ་སྐད་འཕྲིན་དོ་བདག་གི་ཁ་བྱང་ཐོག་བཞག་མི་ཉན།
  • སྒེར་གྱི་སྐོར་མཉམ་སྤྱོད་བྱེད་མི་ཉན། དོ་བདག་གི་སྐད་འཕྲིན་ཁ་བྱང་དེ་སྦས་དགོས།
    • སྒེར་གྱི་སྐོར་དང་རང་གི་སྡོད་གནས་ཁ་བྱང་དེ་སྐད་འཕྲིན་ཐོག་ཁྱབ་བསྒྲགས་བྱེད་མི་ཉན།
    • སྒེར་གྱི་་དངུལ་ཁང་ལག་དེབ་སྐོར་སྐད་འཕྲིན་ཐོག་མཉམ་སྤྱོད་བྱེད་མི་ཉན།
  • སྐད་འཕྲིན་གྱི་ར་སྤྲོད་ཨང་གྲངས་གཞན་ལ་མཉམ་སྤྱོད་བྱེད་མི་ཉན།
    • སྐད་འཕྲིན་གྱི་ར་སྤྲོད་ཨང་གྲངས་དེ་གཞན་གྱིས་བེད་སྤྱོད་བྱས་ནས་ཁྱེད་རང་གི་སྐད་འཕྲིན་དང་། ཁུག་དམར་སྟངས་འཛིན་བྱེད་ཐུབ།
  • རྒྱབ་ལྗོངས་གང་ཡང་གསལ་པོ་མེད་པའི་བཤེར་རིས་ལ་གཤེར་མི་ཉན་ “གནམ་འོག་ལ་རིན་མེད་ཀྱི་ཟས་མེད་”ཟེར་བའི་དཔེ་ལྟར་ གལ་སྲིད་མི་གཞན་གྱིས་བཤེར་རིས་གཤེར་ན་དངུལ་རག་ཐུབ་པ་བརྗོད་ན། དེ་ནི་མགོ་སྐོར་ཡིན་པས་ཉེན་ཁ་ཆེན་པོ་ཡོད་ལ། དེས་རང་གི་ཁུག་དམར་སྟོང་པ་བཟོ་ཐབས་ཀྱི་གཡོ་ཇུས་ཤིག་ཡིན་པ་མཁྱེན་དགོས།